༄༅།། ཨོཾ་བདེ་ལེགས་སུ་གྱུར་ཅིག། །སངས་རྒྱས་ཆོས་དང་དགེ་འདུན་འཕགས་པའི་ཚོགས། །ལྷག་པར་གངས་ཅན་མགོན་གཅིག་སྤྱན་རས་གཟིགས། །གུས་པས་བསྟེན་ཅིང་གསོལ་བ་བཏབ་པའི་མཐུས། །གནས་སྐབས་མཐར་ཐུག་གཏན་བདེའི་དགེ་ལེགས་སྩོལ། །དེ་རིང་གཟའ་སྐར་ཕུན་སུམ་ཚོགས་པ་དང། །༼བཀྲ་ཤིས༽གཡང་ཆགས་དུས་བཟང་ཉི་མོ་འདིར། །འཇིག་རྟེན་ལུགས་བཟང་གཉེན་སྟོན་གྱིས་པ་ཡིས། །ཚེ་རིང་ནད་མེད་ཆོས་སྦྱོར་༼བདེ༽སྐྱིད་སོགས། །༼ལེགས༽ཚོགས་གོང་དུ་འཕེལ་བའི་དགའ་སྟོན་སྩོལ།།